Thursday, 12 July 2012

བོད་མདོ་སྨད་མཚོ་སྔོན་ཕྱོགས་སུ་བོད་མི་ཚོས་རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག


འདི་ལོ་གོང་ས་མཆོག་ཕྱི་ལུགས་དགུང་གྲངས་༧༧་ལ་ཕེབས་སྐུའི་འཁྲུངས་སྐར་ཉིན་བོད་མི་ཡོངས་དང་འཛམ་གླིང་གར་སར་གནས་པའི་གང་ཉིད་ཀྱི་རྗེས་འཇུག་དད་ལྡན་མིམང་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣསམ་ཀྱི་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་་རྒྱལ་བའི་སྐུའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཟབ་རྒྱས་ཞུས་ཡོད་པ་དང་ལྷག་པར་གཞིས་ལུས་བོད་མི་ཚོས་ཀྱང་རྒྱ་གཞུང་གི་བཙན་དབང་དང་དམ་དྲག་འོག་རྣམ་པ་འདྲ་མིན་གྱི་སྒོ་ནས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད་པ་བཞིན་མདོ་སྨད་མཚོ་སྔོན་མཚོ་ལྷོ་ཕྱོགས་ཀྱི་ཐུན་སྡེ་དང་འབའ་
རྫོང་མགོ་ལོག་བཅས་ཐོུང་ཐོག་ཕྱི་ཟླ་༧་པའི་ཚེས་༦ནས་༡༠བར་དུ་་༥་རིང་མགོ་ལོག་རྨ་ཆེན་ཨ་མྱེས་་་ཀེ་ཐོ་རེ་འདབས་ལ་ས་གནས་གང་ས་ནས་རྟ་པོ་ལྔ་བརྒྱ་ཙམ་འཛོམས་ནས་་རྟ་རྒྱུགས་འགྲན་པ་དང་ཨང་ཀིི་ཐོབ་མཁན་ལ་བྱ་དགའ་སྤྲོད་པ་སོགས་བྱས་ཏེ་གོང་ས་མཆོག་དགུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག་་་དེ་ཡང་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་འཇམ་དབྱངས་ལགས་ཀྱིས་ངོ་སྤྲོད་གནང་བར་སྒྲ།།་་་་་་སྐབས་དེར་འགྲན་བསྡུར་རྣམས་གྲངས་ནང་རྟའི་བང་རྩལ་འགྲན་པ་དང་དལ་གྲོས་འགྲན་པ་བཅས་རྣམ་་གྲངས་གཉིས་སུ་དབྱེ་ཡོད་པ་དང་ཨང་དང་པོ་ཐོབ་མཁན་ལ་གསེར་གྱི་སྐེ་ཐག་སྤྲད་པ་དང་དེ་ནས་ཨང་རིམ་གཞིན་ཨང་རིམ་༦་པ་བར་ར བྱ་དགའ་དངུལ་རྒྱ་སྒོར་སྟོང་ཕྲག་ཁ་ཤས་ནས་ ལྔ་བརྒྱ་བར་སྤྲད་འདུག་སྒྲ།།།།་་་་་
དེ་སྐབས་སུ་རྒྱ་གཞུང་གི་དམ་དྲག་དང་འགོག་རྐྱེན་བཟོ་མཁན་གང་ཡང་བྱུང་མི་འདུག་སྒྲ།།།
ཡང་མདོ་སྨད་མཚོ་ལྷོ་ནས་ཡིན་པའི་བོད་མི་ཞིག་གིས་དྲ་ལམ་བརྒྱུད་ས་གནས་དེར་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་སྐོར་ལལ་འགྲེལ་བརྗོད་དེ་ལྟར་གནང་སོང་སྒྲ་་་་་་་མཚོ་ལྷོ་ཁུལ་གྱི་ས་གནས་སོ་སོའི་ནངམི་མང་པོས་་རྒྱལ་བའི་སྐུའི་འཁྲུངས་མངོན་གསལ་དོད་པོ་བྱས་མེད་ཀྱང་བོད་མི་ཚོས་ལག་ཐོགས་ཁ་པར་ནས་་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཐོག་སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ་ཟེར་བ་སོགས་ཀྱི་ཤིས་ཚིག་བྲིས་པའི་སྐུ་པར་གཏོང་རེས་བྱེད་པ་དང་་་་་ཁ་པར་ནང་རྒྱལ་བ་རིན་པོ་ཆེར་བསྟོད་པའི་སྙན་གྱེར་འདོན་བྱེད་རེས་བྱེད་པ་  ཁ་པར་ནས་རྒྱལ་བ་རིན་པོ་ཆེ་ལ་བསྟོད་པའི་གླུ་གཞས་གཏོང་བ་སོགས་བྱས་ཏེ་མངོན་གསལ་མེད་ལ་དོན་སྙིང་ལྡན་པའི་སྒོ་ནས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་འདུག་ཅེས་འགྲེལ་བརྗོད་གནང་སོང་
ཡང་མདོ་སྨད་མཚོ་སྔོན་རྨ་ལྷོ་ཁུལ་དུ་བོད་མིཚོས་རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་སྐོར་ལ་ས་གནས་བོད་མི་ཞིག་གིས་གསར་འགོད་པར་འགྲེལ་བརྗོད་གནང་བར་སྒྲ།།།།་་་་གནས་ཚུལ་ངོ་སྤྲོད་པས་བརྗོད་གསལ་རྨ་ལྷོ་ཁུལ་དུ་ཁྱིམ་ཚང་སོ་སོར་གསང་གསོལ་གཏོང་བ་སོགས་མངོན་གསལ་མཐོང་རྒྱུ་མི་འདུག་ཀྱང་་རེབ་གོང་རོང་པོ་དགོན་ཆེན་ནང་འཛིན་གྲ་སོ་སོའི་དགེ་འདུན་པ་རྣམས་མཉམ་དུ་དེ་ཉིན་ཟ་ཁང་ནང་བསྐྱོད་ནས་ཞལ་ལག་མཆོད་པ་དང་སྐྱེས་སྐར་ལ་བཀྲིས་བདེ་ལེགས་ཞུ་ཟེར་འཁོད་པའི་སྐྱེས་སྐར་བག་ལེབ་ཀེག་་ཆེན་པོ་དེ་འདྲ་མངགས་ཉོན་བྱས་ཏེ་མཆོད་པ་སོགས་རྣམས་པ་འདྲ་མི་ནགྱི་སྒོ་ནས་གོང་ས་མཆོག་གིི་སྐུའི་འཁྲུངས་སྐར་ལ་རྟན་འབྲེལ་ཞུས་འདུག་་་་

No comments:

Post a Comment